[234B] ཨཱརྱ་ཨ་པ་རི་མི་ཏ་ཨ་ཡུར་ཛྙཱ་ན་ནཱ་མ་མ་ཧཱ་ ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ ཀུན་དགའ་ར་བ་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་ དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། སྟེང་གི་ཕྱོགས་ན་ འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ [235A]༄༅། །ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ཚེ་འཛིན་ཅིང་ཚེ་མཐར་ཕྱིན་ པར་བཞེད་དེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག་འཛམ་བུའི་གླིང་འདིའི་མི་རྣམས་ནི་ཚེ་ཐུང་བ་ཚེ་ ལོ་བརྒྱ་ཐུབ་པ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་ནི། དུས་མ་ཡིན་པར་འཆི་བར་བསྟན་ཏེ། འཇམ་དཔལ། སེམས་ཅན་གང་དག་དེ་བཞིན་ གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འྦྲིའམ། ཡི་ གེར་འབྲིར་འཇུག་གམ། མིང་ཙམ་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ་ཁྱིམ་ན་འཆང་གི་བར་དུ་བྱེད་དམ། མེ་ཏོག་དང། སྤོས་དང། ཕྲེང་ བ་དང། ཕྱེ་མ་རྣམས་ཀྱིས་མཆོད་པར་གྱུར་པ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །འཇམ་དཔལ། སེམས་ཅན་གང་དག་ ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པ་དེ་དག་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །སེམས་ [235B]དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། འཇམ་དཔལ། དེ་ལྟ་བས་ན། རིགས་ཀྱི་བུ་ དང། རིགས་ཀྱི་བུ་མོ་ཚེ་རིང་པོར་འདོད་པ་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འྦྲིའམ། ཡི་ གེར་འབྲིར་འཇུག་ན། དེ་དག་གི་ཡོན་ཏན་དང་ལེགས་པར་གྱུར་པ་ནི་འདི་དག་གོ་ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སྱཀྶཾ་བུདྡྷ་ཡ། ཏདཡ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། འཇམ་དཔལ་ དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པོ་འདི་དག་གང་ལ་ལ་ཞིག་གིས་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་གམ། གླེགས་བམ་ལ་བྲིས་ཏེ་ཁྱིམ་ ན་འཆང་ངམ། ཀློག་པར་གྱུར་ན། ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །དེ་ཤི་འཕོས་ནས་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པར་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ [236A]༄༅། །སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ་ཡང་དེའི་ཏེས་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་དགོངས་པ་གཅིག་དང། དབྱངས་གཅིག་གིས་ཚེ་ དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སཱ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ བརྒྱད་ཅུ་རྩ་བཞིས་དགོངས་པ་གཅིག་དང། དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ ཨཱ་ཡུརྫྙཱ་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱྐྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སཱ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ ན་ཡ་པ་རི་ཝཱ་རེ་སཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་དགོངས་པ་གཅིག་དང། དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ [236B] །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོམ་སརྦྦ་སྐཱ་ར་བ་པི་ཤུདྡྷ་ དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ། སཱ་བྷཱ་བ་བི་ཤུདྡྷཱ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དྲུག་རྩ་ལྔས་དགོངས་པ་གཅིག་དང། དབྱངས་གཅིག་གིས་ ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ ཡ༑ ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ནས་མུད་ག་ཏེ་སྭ་བྷ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ལྔ་བཅུ་རྩ་ལྔས་དགོངས་པ་ གཅིག་དང། དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ ཕྲག་བཞི་བཅུ་རྩ་ལྔས་དགོངས་པ་གཅིག་དང། དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ [237A]༄༅། །ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱྐྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ་ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་རྩ་ལྔས་དགོངས་པ་གཅིག་དང། དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་ དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ ཐཱ༑ ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་ལྔས་དགོངས་པ་ གཅིག་དང། དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་ རཱ་ཛཱ་ཡ༑ ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ་ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ་ ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་དགོངས་པ་གཅིག་དང། དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ [237B] །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱྐྶཾ་དུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་ གམ༑ འཆང་ན། དེ་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་ཏེ་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། གང་ཞིག་ ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་ན། དེ་སེམས་ཅན་དམྱལ་བ་དང། བྱོལ་སོང་གི་སྐྱེ་གནས་དང། གཤིན་རྗེའི་ འཇིག་རྟེན་དུ་ཡང་སྐྱེ་བར་མི་འགྱུར་ཏེ། ནམ་དུ་ཡང་མི་ཁོམ་པར་སྐྱེ་བར་མི་འགྱུར་རོ། །གང་དང་གང་དུ་སྐྱེ་བའི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་ མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོམ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷ་བ་བི་ཤུདྡྷེ་མ་ཧཱ་ [238A]༄༅། །ན་ཡ་པ་རི་ཝཱ་རེ་སཱ་ཧཱ། གང་ལ་ལ་ཞིག་གི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་ པོ་བརྒྱད་ཁྲི་བཞི་སྟོང་འབྲིར་བཅུག་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ་ཏདྱ་ ཐཱ༑ ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་ འྦྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བྱེད་དུ་བཅུག་པ་དང། རབ་ཏུ་གནས་པར་བྱས་པ་ཡིན་ནོ་།ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ ཡ་པ་རི་ཝཱ་རེ་སཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་ན། དེའི་མཚམས་མེད་པ་ལྔ་ཡོངས་སུ་འབྱང་བར་ འགྱུར་རོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ [238B]པ་རི་ཝཱ་རེ་སཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་ན། དེའི་སྡིག་ པའི་ཕུང་པོ་རི་རབ་ཙམ་ཡང་ཡོངས་སུ་འབྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ་ ཏདྱ་ཐཱ༑ ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་ འྦྲིའམ། ཡི་གེར་འབྲིར་འཇུག་ན། དེ་ལ་བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དང། གནོད་སྦྱིན་དང། སྲིན་པོས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་བ་ ཏེ༑ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་ མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་ན། དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་བྱེ་བ་ཕྲག་ དྲུག་ཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་མཛད་དེ། སངས་རྒྱས་སྟོང་གིས་དེ་ལ་ཕྱག་རྐྱོང་པར་འགྱུར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མཛད་པར་ [239A]༄༅། །འགྱུར་ཏེ། འདི་ལ་ཐེ་ཚོམ་དང། སོམ་ཉི་དང། ཡིད་གཉིས་མ་བྱེད་ཅིང་ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ ཐཱ་ག་ཏཱ་ཡ། ཨརྷྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། གང་དག་ཚེ་དང་ཡེ་ཤེས་ དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་ན། རྒྱལ་པོ་ཆེན་པོ་བཞིས་དེའི་ཕྱི་བཞིན་དུ་འབྲང་ཞིང། སྲུང་བ་དང། སྐྱོབ་པ་དང། སྦེད་པར་འགྱུར་ རོ༑ ༑ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྷ་དྷརྨ་ཏེ་ག་ག་ན་ས་ གུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་ན། དེ་བཞིན་ གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཨོཾ་ན་བོ་བྷ་ག་བ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་ རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ་ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། ས་ཕྱོགས་ [239B]དུ་འགྱུར་ཏེ། ཕྱག་བྱ་བའི་འོས་སུ་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་བྱ་དང། རི་དྭགས་གང་དག་གི་རྣ་ལམ་ དུ་གྲགས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་བ་ རི་ཝཱ་རེ་སཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་ན། དེ་བུད་མེད་ཀྱི་དངོས་པོར་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ།། ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ་གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཀརྵ་པ་ཎི་གཅིག་སྦྱིན་པ་བྱིན་ན། དེས་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་ [240A]༄༅། །བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྱ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ས་མུད་ག་ཏེ་སཱ་བ་བི་ཤུདྡྷེ་མ་ཧཱ་ ན་ཡ་པ་རི་ཝཱ་རེ་སཱ་ཧཱ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ། མཆོད་པར་བྱེད་པ། དེ་དག་གིས་དམ་པའི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་བ་ཏེ་ ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ་ཨོམ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་ བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང། གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་དང། ལོག་པར་དད་ སེལ་དང། གསེར་ཐུབ་དང། འོད་སྲུང་དང། ཤཱཀྱ་ཐུབ་པ་ལ་རིན་པོ་ཆེ་སྣ་བདུན་གྱི་མཆོད་པ་བྱས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི། བགྲང་བར་ནུས་ཀྱི། ཚེ་དང་ ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི། བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་ [240B]བྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི། བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་ པོའི་ཚད་ནི། བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ་ཨོཾ་སརྦྦ་སཾ་སྐཱ་ར་ པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱ་ཧཱ། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བཞི་ཆུས་ཡོངས་སུ་གང་བའི་ཐིགས་པ་རེ་རེ་ནས་བགྲངས་ བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི། བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ ཡ༑ ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ་ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སཱཧཱ། གང་ཞིག་ཚེ་དང་ཡེ་ ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འྦྲིའམ། ཡི་གེར་འབྲིར་འཇུག་གམ། གུས་པར་བྱས་ཏེ་མཆོད་པར་བྱེད་པ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང་མཆོད་པ་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ [241A]༄༅། །ག་ཏཱ་ཡ༑ ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ་ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་ སཱ་ཧཱ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་སྦྱིན་པའི་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ ནི་གྲགས་པར་འགྱུར། །ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་ པ་ན༑ ༑ཚུལ་ཁྲིམས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་བཟོད་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བཟོད་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་བརྩོན་འགྲུས་ སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན་།བརྩོན་འགྲུས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བསམ་གཏན་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། ། མི་ཡི་སེངྒེ་བསམ་གཏན་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བསམ་གཏན་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར་།ཤེས་རབ་སྟོབས་ཀྱིས་སངས་ [241B] །མི་ཡི་སེངྒེ་ཤེས་རབ་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་ རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི་ཤུ་དཧེ་མ་ཧཱ་ན་ཡ་པ་ རི་ཝཱ་རེ་སཱ་ཧཱ། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང། ལྷ་དང། མི་དང། ལྷ་མ་ཡིན་དང་ དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་རྫོགས་ སོ༑༑ ༑༑